ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༧ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་རི་ཡུས་ཀཱ་མིན་སི་ཀི་དང་། སྐུ་ཞབས་མཱ་སི་ཡེ་ཝ་སིག་ཁོང་རྣམ་གཉིས་ཀྱི་སྐུ་ཟླ་བཅས་དང་ལྷན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་ཆོས་ཉིད་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ངག་དབང་འོད་འབར་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སྐལ་བཟང་ལགས་བཅས་མཉམ་ཞུགས་གནང་ཡོད། ང་ཚོས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་སྐོར་ལ་གླེང་མོལ་བྱས་པ་དང་། ཁོང་རྣམ་པས་བོད་མི་རྣམས་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ད་བར་རྒྱུན་མཐུད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། གླེང་མོལ་དེ་བཞིན་ཚོགས་པ་སོ་སོའི་ལས་དོན་བྱེད་ཕྱོགས་དང་བོད་དོན་འཐབ་རྩོད་ཐད་ངོ་སྤྲོད་གླེང་མོལ་ཧ་ཅང་ཡག་པོ་བྱུང་ཡོད། བོད་རང་བཙན་རྒྱལ་ལོ།

