བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ལྡི་ལི་ནས་ཕེབས་པའི་རྒྱ་གར་གསར་འགོད་པ་རྒན་གྲས་ཁག་ཅིག་མཇལ་འཕྲད།

Spread the love

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ལྡི་ལི་ནས་ཕེབས་པའི་རྒྱ་གར་གསར་འགོད་པ་རྒན་གྲས་ཁག་ཅིག་མཇལ་འཕྲད།

རྒྱ་གར་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཉིན་གསུམ་རིང་བཞུགས་སྒར་རྡ་སར་རང་གཞུང་དབུས་བོད་མིའི་ཕྱི་འབྲེལ་ལས་ཁུངས་ (DIIR) འོག་གི་འཕགས་བོད་འབྲེལ་མཐུད་ལས་ཁང་ (ITCO) གིས་གོ་སྒྲིག་ཞུས་པའི་ལས་རིམ་དེའི་ཁོངས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ལས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ (NDPT) གཉིས་ཀྱི་སྐུ་ཚབ་འཐུས་མི་ལྷན་ཞུགས་གནང་ཡོད། གསར་འགོད་པ་རྣམས་ལ་སོ་སོའི་ཚོགས་པ་ངོ་སྤྲོད་དང་ལས་ཀ་བྱེད་ཕྱོགས་སྐོར་ལ་ངོ་སྤྲོད་དང་བཅས་དྲི་བ་དྲིས་ལན་བཅས་ཚོགས་འདུ་ལེགས་སྒྲུབ་བྱུང་ཡོད།

མཇལ་འཕྲད་འདིས་རྒྱ་གར་གསར་འགོད་པ་དང་བོད་པའི་སྤྱི་ཚོགས་བར་གྱི་འབྲེལ་ལམ་སྔར་ལས་ཇེ་ཡག་དུ་གཏོང་ཐུབ་པ་དང་། བོད་ཀྱི་གནད་དོན། བོད་མིའི་རེ་འདུན་དང་མངོན་འདོད། དེ་བཞིན་ཕྱི་རྒྱལ་དུ་གནས་བཞུགས་བོད་མིས་སྤེལ་བཞིན་པའི་འཐབ་རྩོད་ལས་དོན་བཅས་ལ་གོ་རྟོགས་དང་ཕན་ཚུན་གྱི་གླེང་མོལ་ཇེ་ཟབ་ཏུ་གཏོང་བར་ཕན་ཐོགས་བྱུང་ཡོད།

རྒྱ་གར་གསར་འགོད་པའི་སྐུ་ཚབ་ཚོགས་ཆུང་ནང་། རྒྱ་གར་གསར་ཁང་ News18 Network གི་བརྙན་འཕྲིན་གསར་འགྱུར་མདོ་འཛིན་པ་རྒན་གྲས་ལྕམ་སྐུ་ཇ་སཱ་མིན་ཤར་མ་ (Ms. Jasmine Sharma, Senior Anchor & Deputy Producer) ལགས་དང་། NDTV གསར་ཁང་གི་རྩོམ་སྒྲིག་པ་རྒན་གྲས་སྐུ་ཞབས་རི་ཤཱབ་ (Mr. Rishabh, Associate Editor) ལགས། BBC Punjab གསར་ཁང་གི་གསར་འགོད་པ་སྐུ་ཞབས་ར་ཝིན་དྷར་སིངྒ་རོ་བྷིན་ (Mr. Ravinder Singh Robin, Independent Journalist) ལགས། India Today Global གསར་ཁང་གི་རྩོམ་སྒྲིག་པ། Aaj Tak གསར་ཁང་གི་ཕྱི་འབྲེལ་སྲིད་བྱུས་ཐོག་གི་རྩོམ་སྒྲིག་པ་སྐུ་ཞབས་པ་ར་ནེ་ ཨུ་པ་དྷི་ཡ་ཡ་ (Mr. Pranay Upadhyaya, Editor) ལགས་བཅས་ཕེབས་གནང་ཡོད།

Back To Top