ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༨ ཉིན་སྟེ་གནས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ས་གསུམ་གྱི་ཡ་གྱལ་སེར་སྨད་གྲྭ་ཚང་གི་མཁས་པའི་ཁྱུ་མཆོག་གཞུང་ལུགས་རབ་འབྱམས་སྨྲ་བ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲི་ལ་མངའ་གསོལ་གྱི་བཀྲ་ཤིས་པའི་ཁྲི་འདོན་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞོན་ལྷན་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྨོན་འདུན་ཞུས།

