མ་འོངས་པའི་བོད་མི་རིགས་ཀྱི་ཐབས་བརྩོད་དེ་ད་ལྟའི་རྒན་པའི་བྱུས་དང་གཞོན་པའི་ནུས་ལ་རག་ལས་ཀྱི་ཡོད་པས། ང་ཚོས་མ་འོངས་པའི་འགོ་འཛུགས་ད་ལྟ་ནས་བྱེད་དགོས་ཤིང་། མ་འོངས་པའི་འགོ་ཁྲིད་ཀྱང་ད་ལྟ་ནས་གསོ་སྐྱོང་དང་བཟོ་སྐྲུན་བྱེད་དགོས་པ་ལས། རང་བཞིན་གྱིས་འགོ་ཁྲིད་སྐྱེས་ཡོང་བ་ཞིག་མེད། དེ་བས་ད་ལྟའི་དུས་ནས་འབད་བརྩོན་དང་སྦྱོང་བརྡར་ལ་བརྟེན་ནས་མ་འོངས་པའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་མཉམ་ཞུགས་གྱིས།

