
ཕྱི་ལོ་ ༢༠༢༥ ཟླ་༡༠ ཚེས་༣༡ ཉིན་གྱི་དགོང་དྲོར་སྐབས་ ༡༨ པའི་གཞོན་ལྷན་དབུས་རྒྱུན་རྣམ་པས་རང་ཚུགས་བརྟན་པོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་དང་། བྱེ་བྲག་ཏུ་གཞོན་ལྷན་གྱི་ལས་དོན་ཞུ་སྒོ་མཐའ་དག་སླད་དཀའ་ངལ་འདྲ་མིན་ལ་གདོང་ལེན་གྱིས་མི་ལོ་གསུམ་རིང་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་ཐུགས་རྗེ་ཆེ་ཞུ་མཚོན་སླད་སྐབས་༡༩ པའི་གཞོན་ལྷན་ངོས་ནས་དུང་དཀར་གསོལ་ཚིགས་ཁང་དུ་ཞལ་ལག་སྟབས་བདེ་ཞིག་འདེགས་འབུལ་དང་འབྲེལ་ལེགས་གསོལ་ཕྱག་རྟགས་རེ་ཕུལ་ནས་སླད་མ་འོངས་པར་གཞོན་ལྷན་རྒྱུན་ཟུར་རྣམ་པ་བྱ་བ་ལམ་འགྲོ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡང་ཞུ་རྒྱུ་བྱུང་ཡོད།
