དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ལྡི་ལི་གསར་པའི་རྒྱལ་ས་པེ་ལི་སི་ཐན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་སློབ་སྟོན་པ་སྐུ་ཞབས་ཨི་བྷ་རཱ་ཧིམ་བེ་ཤི་ཏ་ཝི་མཆོག་དང་ཐུག་འཕྲད་ཀྱིས་འཛམ་གླིང་ཡོངས་ཀྱི་འབྲེལ་བ་སྲ་བརྟན་བཟོ་རྒྱུ་དང་། རྒྱལ་ཁབ་སོ་སོའི་མ་འོངས་པའི་མདུན་ལམ་སླད་ཕན་ཐོགས་ཡོད་པའི་ཐབས་ལམ་འཚོལ་རྒྱུ། དེ་བཞིན་ལོ་རྒྱུས་ཀྱི་གལ་ཆེན་རང་བཞིན་ངོས་འཛིན་གྱིས་མཉམ་འབྲེལ་གྱིས་དེང་གི་འཛམ་གླིང་ནང་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་དང་། མཉམ་ལས་བྱེད་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་གང་ལེགས་བྱུང་བ་དང་།

དེའི་རྗེས་སུ་ལྡི་ལི་གསར་པའི་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་། བྷི་ཇེ་པི་ཚོགས་པའི་འབྲེལ་མཐུད་པ་ (ཏྲི་ཨས་) དང་། བྷི་ཇེ་པི་ལས་ཁུངས་ཀྱི་སཱ་རལ་འགན་འཛིན་སྐུ་ཞབས་ནུ་ནེ་བལ་རཱ་ཇི་མཆོག་དང་མཇལ་འཕྲད་གནང་། མཇལ་འཕྲད་སྐབས་རྒྱ་གར་གཞུང་དང་མི་མང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་སོགས་ཞུ་རྒྱུ་བྱུང་ཡོད།
