སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས་གྱི་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིིི་སྐུ་ཞབས་མར་ཁོ་རུ་བྷེ་(U.S. Senator Marco Rubio) མཆོག་གི་ལས་ཁུངས་སུ་ཆེད་བཅར་ཞུས་ཡོད་པ་རེད།

དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ས་གཞོན་རྒྱུན་ཟུར་རྒན་བསོད་ནམས་དབང་མོ་ལགས་ཀྱི་རོགས་རམ་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༤ སྔ་དྲོ་ཚོུད་ ༡༡།༠༠ ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷེ་(U.S. Senator Marco Rubio)མཆོག་གི་ལས་ཁུངས་སུ་ཆེད་བཅར་ཞུས་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཇེམ་མེ་ཁོ་ཝན་མཆོག་ས་གནས་སུ་བཞུགས་མེད་པར་བརྟེན་ཁོང་གི་ཁྲིམས་བཟོའི་ལས་རོགས་ལྕམ་མ་རེ་ཡ་ (Legislative Assistant, Maria Paula Ramos) མཇལ་འཕྲད་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷེ་(U.S. Senator Marco Rubio)མཆོག་དང་ཕྱག་རོགས་ལྷན་རྒྱས་ནས་དུས་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བ་མ་ཟད། སྤྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གྲོས་འཆར་ལ་རྒྱབ་སྐྱོར་དང་འབད་བརྩོན་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་ཡིག་དང་མཇལ་དར་འབུལ་ལམ་ཞུས་པ་དང་། སླད་མ་འོངས་པར་ཡང་རྒྱབ་སྐྱོར་རྒྱུན་འཁྱོངས་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།