སྤྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་ཕྱི་འབྲེལ་འགན་འཛིན་ཉི་མ་དབྱངས་འཛོམས་ལགས་གཉིས་བཞུགས་སྒར་རྡ་སའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་ཨ་རིའི་གཞུང་འབྲེལ་མི་སྣ་བྷོབ་ཁོ་ཁར་ (Sen. Bob Corker)  དང་སན་ཁོ་རི་ (San Cory Gardner) དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མལ་ཐིའུ་ལགས་ (Matteo Mecacci)  དང་བསྟན་ཆོས་རྒྱ་མཚོ་ལགས་བཅས་དང་མཇལ་འཕྲད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་དོན་འཐབ་རྩོད་སྐོར་བཀའ་མོལ་ཞུས་ཡོད་པ་རེད།