སྤྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༨ ཕྱི་དྲོའི་ཚོུད་ ༣ ཐོག་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་བཅུ་བདུན་པའི་རྒྱུན་ལས་འོས་འདེམས་གནང་ཡོད་པ་དང་། ས་གཞོན་གྱིས་གདན་གཞུས་ལྟར་དབུས་རྒྱུན་རྣམས་ས་གནས་གཞོན་ནུའི་རྒྱུན་ལས་འོས་བསྡུར་བཅར་ཡོད་པ་རེད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་འོས་བསྡུའི་འགན་འཛིན་གནང་ནས་ཚོགས་བཅར་བ་ཚོར་རྡ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་གནད་དང་ལས་དོན་བྱ་ཕྱོགས་སོགས་ངོ་སྤྲོད་གནང་བ་དང་། ས་གནས་རྒྱུན་ལས་ཀྱི་འོས་གཞི་རྣམས་མཚན་འདོན་དང་འོས་འདེམས་བྱུང་བའི་སྐབས་བཅུ་བདུན་པའི་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོས་དམ་འབུལ་ཡང་གནང་ཡོད་པ་རེད།