སྤྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་ཀྲང་ཁེ་ཀྲེ་ (Zhang Kezhi) གཙོས་པའི་འཐུས་མི་ ༢༠ ཡིས་རྒྱ་གར་ལ་གཟིགས་སྐོར་བྱེད་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་དང་། སྒྲིག་འཛུགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས། དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེའི་ལས་འགུལ་ལ་མཉམ་བཞུགས་བྱ་མཁན་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་མི་སློབ་མ་གྲངས་ ༧༠ ཙམ་ཡོད་པ་ཆ་ཚང་རྒྱ་གར་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་ཀྱང་། ཉིན་དེའི་ཕྱི་དྲོ་གློད་གྲོལ་བཏང་ཡོད་པ་རེད།