སྤྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་མཉམ་བཞུགས་ཀྱིས་བགྲོ་གླེང་གནང་ཡོད་པར་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་སྨིན་པའི་བསམ་འཆར་ཁག་གཅིག་འབུལ་ལམ་ཞུས་ཡོད་པ་ལག་བསྟར་ཡོང་རྒྱུར་སྒུག་ནས་བསྡད་ཡོད་པ་གསུངས་ཡོད་པ་རེད།