སྤྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༡༠ ཉིན་རྒྱབ་ཚོུད་ ༢།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་དྲུང་ཆེ་བཀྲིས་ལམ་བཟང་ལགས་གཉིས་ས་སྐྱ་གོང་མའི་འཁྲུངས་སྐར་ལ་གདན་ཞུས་ལྟར་བཅར་སྐབས་ཕུ་རུ་ཝ་ལ་ས་གནས་གཞོན་ནུས་ས་གཞོན་ལས་ཁུངས་དང་ཚོགས་ཁང་། དེ་བཞིན་ས་གནས་གཞོན་ནུས་ཕུ་རུ་ཝ་ལ་གཞིས་ཆགས་ནང་ཉི་འོད་ཀྱི་གློག་འཛུགས་བཞིན་པར་གཟིགས་ཞིབ་གནང་དགོས་པའི་འབོད་སྐུལ་གནང་དོན་ལྟར་བཅར་བ་དང་། སྐབས་དེར་ཕུ་རུ་ཝ་ལ་ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པའི་སྣེ་ལེན་འོག་ས་གནས་གཞོན་ནུའི་ཡིག་ཚང་དང་ཚོགས་ཁང་། ས་གཞོན་ནས་གཞིས་ཆགས་ནང་གསར་འཛུགས་བྱེད་བཞིན་པའི་ཉི་འོད་ཀྱི་གློག་བཅས་ལ་གཟིགས་སྐོར་གནང་ཡོད་པ་རེད།