སྤྱི་ལོ་ ༢༠༡༨ ལོར་རྒྱ་གར་ལྷོ་ཕྱོགས་ཁེ་རི་ལ་ (Kerala) མངའ་སྡེའིི་ནང་ཆུ་ལོག་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཡུལ་མི་   ༣༥༧ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། ཡུལ་མི་ ༣༥༠༠༠༠ ལྷག་མྱུར་སྐྱོབ་གནས་སྤོ་བྱ་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་ཚབས་ཆེ་འཕྲད་ཡོད་པར་བོད་པའི་ངོས་ནས་རོགས་རམ་ཞུ་ཆེད་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་དང་ལྡི་ལི་བསམ་ཡས་གླིང་དང་། རོ་ཧི་ནི་ས་གནས་གཞོན་ནུ་ཁག་གཉིས་ཀྱི་རོགས་རམ་འོག་སྤྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་བསམ་ཡས་གླིང་བོད་མིའི་བོད་ཁྱིམ་ཉིན་སློབ་ནང་དཔལ་འབྱོར་འདུ་འགོད་ཀྱི་ཚན་ཚོགས་ཤིག་ཚོགས་ཡོད་པ་དང་། མཚན་ཚོགས་ཐོག་གཞས་པ་ཕར་ཤན་རྟ་དམག་ལགས་དང་། ཨ་མི་དྷ་པོལ། བསོད་ནམས་སྟོབས་ལྡན། བསྟན་འཛིན་འོད་ཟེར། བསྟན་འཛིན་དབྱང་རྒྱལ། བཀྲིས་སྟོབས་ལྡན། བློ་བཟང་ཆོས་སྒྲོན། མགོན་པོ་དོན་གྲུབ། རོ་ཧི་ནིའི་སློབ་མ། བསྟན་འཛིན་སངས་ཉི་བཅས་ནས་རིན་མེད་ཐོག་རྒྱབ་སྐྱོར་གནང་ནས་ཕེབས་པ་དང་། ས་གནས་ཀྱི་མགྲོན་ཁང་ཁག་གཅིག་ནས་ཀྱང་རྒྱབ་སྐྱོར་གྱི་ཞལ་འདེབས་གནང་བ་མ་ཟད། ས་གནས་མི་མང་ཧ་ཅང་ཕོན་ཆེ་ཕེབས་ཡོད་པ་རེད།

དེ་ཉིན་གྱི་མཚན་ཚོགས་གོ་སྒྲིག་འགན་ཁུར་བ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། རིག་གཞུང་འགན་འཛིན་བཀྲིད་དོན་གྲུབ་ལགས་གཉིས་ནས་གནང་ཡོད་པ་རེད།