སྤྱི་ལོ་ ༢༠༡༨ ལོར་ལྟར་རྒྱ་གར་ལྷོ་ཕྱོགས་ཁེ་རི་ལ་ (Kerala) མངའ་སྡེའིི་ནང་ཆུ་ལོག་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཡུལ་མི་   ༣༥༧ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། ཡུལ་མི་ ༣༥༠༠༠༠ ལྷག་མྱུར་སྐྱོབ་གནས་སྤོ་བྱ་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་ཚབས་ཆེ་འཕྲད་ཡོད་པར་བོད་པའི་ངོས་ནས་རོགས་རམ་ཞུ་ཆེད་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ཁྱབ་ཁོངས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གིས་དཔལ་འབྱོར་འདུ་འགོད་བྱས་ནས་ཁྱོན་བསྡོམས་ཧིན་སྒོར་འབུམ་དྲུག་ (༦༠༠༠༠༠) བྱུང་བ་རྣམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཁེ་རི་ལ་མངའ་སྡེར་ཆེད་བཅར་གྱིས་མངའ་སྡེའི་བཟོ་ཚོང་དང་ན་གཞོན་རྩེད་རིགས་ཀྱི་བློན་ཆེན་སྐུ་ཞབས་ཇ་ཡ་ར་ཇན་  (Shri EP Jayarajan) མཆོག་དང་མཇའ་འཕྲད་ཀྱིས་འཛམ་གླིང་ས་ཕྱོགས་ཁག་ན་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་མི་ཡོངས་ཀྱིས་ཁེ་རི་ལ་མངའ་སྡེའི་གོད་ཆགས་ཕོག་མཁན་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་རྒྱབ་སྐྱོར་མཚོན་ཆེད་དུ་ཧིན་སྒོར་འབུམ་དྲུག་ (༦༠༠༠༠༠) ཕུལ་ཡོད་པ་རེད།