སྤྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན་བརྩེ་ཆེན་བསྟན་པའི་མངའ་བདག་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རང་ལུགས་དགུང་གྲངས་ ༧༤ དང་ཕྱི་ལུགས་ལྟར་ན་དགུང་གྲངས་ ༧༣ ལ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་གྱི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞིག་ས་སྐྱ་བོད་མིའི་ཚོགས་པའི་གཞིས་ལས་ཁང་གི་གོ་སྒྲིག་འོག་སྲུང་བརྩི་ཞུས་པར་གོ་སྒྲིག་ཚོགས་ཆུང་ས་སྐྱ་བོད་མིའི་ཚོགས་པའི་གཞིས་ལས་ཁང་གིས་མགྲོན་ཤོག་གནང་དོན་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཆེད་བཅར་ཞུས་ཡོད་པ་རེད།