བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཨེ་ཤི་ཡའི་ཞི་བདེ་དང་མང་གཙོ། རང་དབང་གོང་འཕེལ་གྱི་ལྷན་ཚོགས་ཤིག་རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་ཚོགས་ཡོད་པ་རེད།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ གྲོས་གཞི་དོན་ཚན་གསུམ་པའི་ནང་གསེས་ག་བའི་གྲོས་ཆོད་ ༡༽ ལྷོ་ཨེ་ཤེ་ཡའི་རྒྱ་མཚོའི་ས་མཚམས་ཀྱི་ཐོག་རྒྱ་ནག་གི་ཧམ་བཟུང་ལ་རྩོད་གླེང་གི་གནད་དོན་ཡོད་པའི་ཝི་ཏི་ནམ་དང། ཉི་ཧོང། ཕིན་ལི་ཕིན་སོགས་ཀྱི་གཞོན་ནུའི་ཚོགས་པ་ཁག་ལ་དབུས་གཞོན་ལྷན་ནས་འབྲེལ་ལམ་གསར་འཛུགས་ཀྱིས་མཉམ་རུབ་ཐོག་འཚེ་བ་མེད་པའི་མཐུན་ཕྱོགས་ཀྱི་ལས་འགུལ་སྤེལ་རྒྱུ། ཞེས་པ་དང་གྲོས་ཆོད་ ༢༽ རྒྱ་ནག་དམར་པོའི་གཞུང་གི་དབང་བསྒྱུར་འོག་ལ་གཉའ་གནོན་དང་དཀའ་ངལ་མྱོང་བཞིན་པའི་མང་གཙོ་དོན་གཉེར་ཅན་དང། དེ་བཞིན་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག་པོ་བཅས་ཀྱི་རྒྱལ་ཁབ་ཁག་དང་མཉམ་རུབ་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཞིག་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་སྐོང་ཚོགས་ཞུ་རྒྱུ། ཅེས་པའི་དགོངས་དོན་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ ཨེ་ཤེ་ཡའི་ཞི་བདེ་དང་རང་དབང་། མང་གཙོ། (Building Freedom, Democracy and Peace in Asia) ཅེས་པའི་བརྗོད་གཞིའི་འོག་ཨེ་ཤེ་ཡའི་ཞི་བདེའི་ལྷན་ཚོགས་ཤིག་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་(Inida International Centre)དུ་སྤྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༡༡ དང་ ༡༢ ཉིན་གཉིེས་རིང་འཚོགས་ཡོད་པ་རེད།
ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སུ་ཝེ་ཊན་གྱི་རྒྱ་གར་གཞུང་ཚབ་ཟུར་པ། རྒྱལ་སྤྱིའི་ཤེས་ཡོན་སློབ་སྦྱོང་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཨ་མཆོག་ས་ཇན་ཧར་ Mr. Ashok Sajjanhar, the president of Institute of Global Studies and a former Indian ambassador to Sweden མཆོག་ནས་འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་ཡོད་ཀྱང་རྒྱ་ནག་གཞུང་ནི་ད་དུང་ཡང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་དེ་ཆགས་ཡོད་པ་མ་ཟད། དྲང་བདེན་མ་ཡིན་པའི་ཚོང་འབྲེལ་དང་སྟོབས་ཤུགས་ལ་བརྟེན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་བཙན་འཛུལ་དང་ཧམ་ཤེས་ཀྱི་བྱ་སྤྱོད་སྟུད་མར་སྤེལ་བཞིན་ཡོད་པ་མ་ཟད། འཛམ་གླིང་ནང་རང་ཉིད་ཀྱི་སྟོབས་ཤུགས་དང་དམར་ཤོག་གི་ཤུགས་རྐྱེན་བསྐྲུན་ཐབས་བྱེད་བཞིན་ཡོད། བྱ་སྤྱོད་འདིས་རྒྱ་ནག་ནང་ཁུལ་གྱི་མང་གཙོ་དང་རང་དབང་དམ་དྲག་ཆེ་བ་མ་ཟད། ཁྱིམ་མཚེས་རྒྱལ་རྒྱབ་ཁབ་ཁག་གི་ནང་དུ་ཡང་མང་གཙོའི་ཐོབ་ཐང་ལ་ཤུགས་རྐྱེན་ངན་པ་འཇོག་བཞིན་ཡོད། དེས་རྐྱེན་པས་ཐེ་ཝན་དང་ཧོང་ཁོང་ནང་གི་མི་རབས་གསར་པ་ཚོས་རྒྱ་ནག་གི་སྲིད་ཇུས་དང་དབང་བསྒྱུར་ལ་རྒོལ་ཆེད་གསར་རྗེའི་ལས་འགུལ་བརྩམས་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་ཡང་རྒྱ་ནག་གི་ཤུགས་རྐྱེན་ངན་པར་མི་འདོད་པའི་རྣམ་འགྱུར་ཇེ་ཆེ་ནས་ཇེ་ཆེར་མངོན་བཞིན་ཡོད་པས། ཨེ་ཤེ་ཡ་ཁྱོན་ཡོངས་ཀྱི་ཞེ་བདེ་དང་རང་དབང་མང་གཙོ་བཅས་ཀྱི་ཆེད་དུ་ཚང་མས་འགན་ཁུར་དགོས་པ་མ་ཟད། འདི་ལྟ་བུའི་ལྷན་ཚོགས་ཐོག་ནས་ནུས་པ་ལྡན་པའི་བསམ་ཚུལ་སྤེལ་དགོས་དང་། ཆིག་སྒྲིལ་གྱིས་ལས་འགན་རྩོམ་དགོས་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

ལྷན་ཚོགས་ཉིན་གསུམ་རིང་རྒྱལ་ཁབ་སོ་སོའི་སྐུ་ཚབ་ནས་ཨེ་ཤེ་ཡའི་ནང་རང་དབང་དང་མང་གཙོ། ཞེ་བདེ་གོང་འཕེལ་གཏོང་ཐབས། “Strategies to promote Freedom, Democracy and Peace” ཅེས་པ་དང་། རང་དབང་དང་མང་གཙོ་ཡར་རྒྱས་ཀྱི་གནས་སྟངས། “State of the Movements for Freedom and Democracy” རང་དབང་དང་མང་གཙོ། ཞི་བདེ་བཅས་ལ་འཕྲད་པའི་དཀའ་ཚེགས། “Opportunities and Challenges for Freedom, Democracy and Peace” ཨེ་ཤེ་ཡའི་ནང་གི་གཞོན་ནུའི་འཐབ་རྩོད་པ་དང་ཆབ་སྲིད། “Youth Politics and Activism in Asia.” བོད་ཀྱི་ཁོར་ཡུག་དང་དེ་ཡིས་ཨེ་ཤེ་ཡའི་ནང་གི་ཤུགས་རྐྱེན། “Tibet’s Environment and its impact on Asian nations.” བཅས་ཀྱི་བརྗོད་གཞིའི་ཐོག་རིམ་པས་གཏམ་བཤད་དང་བགྲོ་གླེང་ལྷུག་པོ་གནང་བ་དང་། ལྷན་ཚོགས་ཀྱི་ཚོགས་ཐེངས་མཐའ་མར་སྤྱི་མོས་ཀྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་མ་ཟད། ཨེ་ཤེ་ཡའི་མཐུན་ཕྱོགས་མཉམ་འབྲེལ་རྒྱུན་སྐྱོང་དགོས་གལ་ལ་དམིགས་ཏེ་འབྲེལ་མཐུད་མི་སྣ་བཞི་ཡང་བསྐོ་བཞག་གནང་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་ཐོག་བོད། Tibet, ལྷོ་སོག་པོ། Southern Mongolia, ཧོང་ཀོང་། Hong Kong, བལ་ཡུལ། Nepal, ཝེ་ཏི་ནམ། Vietnam, ཐའི་ལན་ཊི། Thailand, ཧྥེ་ལི་ཕིན། Philippines, ཐེ་ཝན། Taiwan, འབར་མ། Myanmar, རྒྱ་ག་ར། India ཉི་ཧོང་། Japan ཨེ་ཤེ་ཡའི་རྒྱལ་ཁབ་བཅུ་གཅིག་ཀྱི་ན་གཞོན་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་འགོད་པ། སྒྱུ་རྩལ་པ་བཅས་མཉམ་བཞུགས་གནང་ཡོད་པ་དང་། སྤྱི་ཚེས་ ༡༣ ཉིན་ཚོགས་བཅར་བ་རྣམས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ལོ་རྒྱུས་རང་བཞིན་ས་གནས་ཁག་ལ་གཟིགས་སྐོར་དུ་ཁྲིད་ཡོད་པ་རེད།