སྤྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༢༩ ཉིན་ཨ་རིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཨི་ཤ་དྷ་ཧ་སན་(Mr. Ilshat Hassan) མཆོག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་མཇལ་འཕྲད་གནང་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༢༩ ཉིན་ཨ་རིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཨི་ཤ་དྷ་ཧ་སན་མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཨི་ཤན་མཆོག་དང་དབུས་གཞོན་ལྷན་གྱི་རྒྱུན་ལས་དབར་ཕན་ཚུན་ངོ་སྤྲོད་གནང་བ་མ་ཟད། ཡུ་གུར་མཐུན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་སོ་སོའི་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་ཞིབ