བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༨ ཉིན་རྒྱབ་ཚོུད་ ༡།༠༠ ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེ་ཀོ་ཝན་ (US Congressman James McGovern) མཆོག་གི་ལས་ཁུངས་སུ་ཆེད་བཅར་ཞུས་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཇེམ་མེ་ཁོ་ཝན་མཆོག་ས་གནས་སུ་བཞུགས་མེད་པར་བརྟེན་ཁོང་གི་ལས་རོགས་ལྕམ་ཁིམ་ལགས་དང་མཇལ་འཕྲད་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེ་ཀོ་ཝན་ (US Congressman James McGovern) མཆོག་དང་ཕྱག་རོགས་ལྷན་རྒྱས་ནས་དུས་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བ་མ་ཟད། སྤྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གྲོས་འཆར་བཏོན་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་ཡིག་དང་མཇལ་དར་འབུལ་ལམ་ཞུས་པ་དང་། དེ་བཞིན་མ་འོངས་བོད་ཀྱི་གནད་དོན་ཐོག་རོགས་རམ་ཞུ་ཕྱོགས་སྐོར་ལ་དགོངས་འཆར་ལྷུག་པོར་ཞུ་ཐུབ་པ་བྱུང་ཡོད་པ་རེད།