སྤྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༢ ཉིན་ཧོང་ཀོང་དང་ཐེའི་ཝན་གྱི་འཐབ་རྩོད་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་དབར་མཇལ་འཛོམས་གནང་བ།

དེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༢ ཉིན་ཧོང་ཀོང་དང་ཐེའི་ཝན་གྱི་འཐབ་རྩོད་པ་ལྕམ་ཡུའུ་སིན་ཁྲན་(Yuhsin Chen)དང་ཧང་ཏུང་ཁྲའོ་(Hang Tung Chou)རྣམ་གཉིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ཆེད་ཕེབས་ཀྱིས་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་དང་མཇལ་འཛོམས་ཀྱིས་ཧོང་ཀོང་དང་ཐའི་ཝན། བོད་བཅས་ཀྱི་གནད་དོན་ཐོག་གོ་བསྡུར་དང་། ཕྱོགས་གསུམ་གྱི་དབར་ཕན་ཚུན་གོ་རྟོགས་གོང་སྤེལ་གྱིས་མཐུན་མོང་གི་ཁེ་ཕན་ཆེད་འབྲེལ་ལམ་ཡར་རྒྱས་ཡོང་དགོས་པ་སོགས་ཀྱི་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་རེད།