སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༡༠ ཉིན་གདན་ཞུས་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སྦེང་ལོར་ས་གནས་སུ་ཆེད་ཕེབས་ཀྱིས་གསུམ་དུས་ལས་འགུལ་ལ་བཅར་ཡོད་པ་རེད།
དེ་ཡང་སྦེང་ལོར་ས་གནས་གཞོན་ནུས་གཙོས་པའི་སྦེང་ལོར་ཁུལ་གྱི་ཚོགས་པ་ཁག་མཉམ་རུབ་ཐོབ་ལོ་ལྟར་སྦེང་ལོར་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྦེང་ལོར་ས་གནས་གཞོན་ནུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་ལྟར་ས་གནས་སུ་ཆེད་ཕེབས་ཀྱི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ལ་མཉམ་བཞུགས་དང་ལས་འགུལ་གྱི་མཛད་སྒོའི་ཐོག་བོད་མིའི་འཐབ་རྩོད་དང་ཆོལ་ཁ་དང་ལུང་ཚན་གྱི་བསམ་བློ་སྤངས་ཏེ་ཆིག་སྒྲིལ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།