སྤྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་ལྡི་ལིའི་གནམ་ཐང་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུར་བཅར་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་ལྡི་ལི་རོ་ཧི་ནིའི་གཞོན་སྐྱེས་གསུམ་རྒྱར་ཉེ་བ་ཞིག་སྣེ་ཁྲིད་ཀྱིས་ལྡི་ལའི་གནམ་ཐང་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུར་བཅར་ཡོད་པ་རེད།

དེའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སྨན་ཁང་དུ་སྨན་བཅོས་རྟག་དཔྱད་ཆེད་ཕེབས་ནས་ཕྱིར་ཞབས་གསོར་འཁོད་བཞིན་ཡོད་པ་རེད།