༡། སྤྱི་ཁབ་དབུས་རྒྱུན་ལས་ཁང་ནི་གཞོན་ལྷན་གྱི་ལས་ཁུངས་མཐོ་ཤོས་དེ་ཡིན་པ་དང། ལས་ཁུངས་གནས་ཡུལ་ནི་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཡིན།
༢། སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་ལོ་གསུམ་རེའི་ཚོགས་ཆེན་ཐོག་ནས་ཚོགས་བཅར་བ་ས་གནས་གཞོན་ལྷན་ཀྱི་སྐུ་ཚབ་ཚོས་མང་མོས་ཀྱི་འོས་བསྡུའི་ལམ་ནས་བསྐོ་བཞག་བྱེད་ཀྱི་ཡོད་ཅིང། འོས་འདེམས་བྱུང་བའི་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་གྲངས་ཚད་ནི་བཅུ་ཡིན།
༣། སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ལས་འཁུར་གྱི་དུས་ཡུན་ལོ་གསུམ་ཡིན་ཞིང་། ལོ་གསུམ་རེའི་མཚམས་འོས་བསྡུ་བྱ་དགོས། འོན་ཀྱང་སྤྱི་ཁྱབ་དབུས་རྒྱུན་ལས་པ་གང་ཞིག་བསྟུད་མར་ལས་རྒྱུན་སྐབས་གཉིས་ནང་ཕྱག་ལས་གནང་རྗེས་མ་མཐར་ལས་རྒྱུན་གཅིག་གི་རིང་བར་མཚམས་འཇོག་དགོས།
༤། སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་ལས་ཡུན་རིང་ངེས་པར་དུ་དབུས་རྒྱུན་ལས་ཁང་ལ་རྒྱུན་བཞུགས་གནང་ཐུབ་པ་བྱ་དགོས།