༡། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁྱོན་ས་གནས་གཞོན་ལྷན་ཁག་ ༨༧ ཡོད།
༢། ས་གནས་རྒྱུན་ལས་ནི་ས་གནས་སོ་སོའི་ཚོགས་བཅར་ངོ་ཡོད་ཚོགས་མིས་མང་མོས་འོས་འདེམས་བྱས་པའི་རྒྱུན་ལས་ཡིན།
༣། ས་གནས་རྒྱུན་ལས་ཀྱི་གྲངས་འབོར་གསུམ་ནས་བཅུ་བར་ཡིན།
༥། སློབ་ཕྲུག་རྣམས་ཀྱི་དངོས་ཡོད་གནས་ཚུལ་བྱུང་ན་ལས་དེ་མིན་རྒྱུན་ལས་ཀྱི་ལས་འཁུར་དུས་ཡུན་ལོ་གསུམ་ཡིན། ལས་འཁུར་དུས་ཡུན་གཙང་རྗེས་བསྐྱར་དུ་འོས་བསྡུ་བྱ་དགོས།
༦། རྒྱུན་དུ་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་ལག་ལེན་བསྟར་རྒྱུའི་ཐོག་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་བཀའ་འབྲེལ་སོགས་སྐབས་བསྟུན་ལས་འགུལ་གསར་སྤེལ་བྱ་འོས་རིགས་བྱ་རྒྱུ། འོན་ཀྱང་སྲིད་དོན་གལ་ཆེའི་རིགས་དང་། ལས་དོན་ཆེ་ཁག་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་སྙན་སེང་བཀའ་འཁྲོལ་ཞུ་དགོས།
༧། ས་གནས་རྒྱུན་ལས་ནས་ཁྱབ་ཁོངས་གཞོན་ནུའི་ལས་དོན་ལ་བཀོད་བྱུས་བཏང་འཛིན་དང། ཞིབ་བཤེར་བྱ་རྒྱུ།