ནང་པ་སངས་རྒྱས་པའི་བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཆེན་པོ་གང་ཉིད་ལྷ་གནས་སུམ་བཅུ་རྩ་གསུམ་དུ་ལྷའི་སྐྱེ་བ་བཞེས་ནས་བཞུགས་པར་ཆོས་སྟོན་དུ་བྱོན་ཏེ་ཆོས་གསུངས་ཤིང། ལྷ་མང་པོ་བདེ་བར་འཀོད་དེ་བོད་ཟླ་ ༩ ཚེས་ ༢༢ ཉིན་སླར་ཡུལ་སིལ་ལྡན་ཞེས་བྱ་བར་མར་ཕེབས་པའི་ཚེ་སྐལ་ལྡན་གྱི་སྐྱེ་བོ་མང་པོས་སྟོན་པ་ལྷ་ཡུལ་ནས་རིན་པོ་ཆེའི་སྐས་ལས་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་བཅས་པ་དངོས་སུ་བྱོན་པ་མཇལ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ལོ་ ༢༠༠༤ ལོའི་ཚོགས་ཆེན་ཐེངས་ ༡༢ པའི་ཐོག་ལྷ་བབ་དུས་ཆེན་ནམ་ཡིན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ས་གནས་ཡོངས་ནས་ཉིན་བརྒྱ་དུས་གཅིག་ཏུ་སྨིན་སྒྲུབ་ཞུ་རྒྱུ་ཞེས་གཏན་འབེབས་ལས་འགུལ་དུ་ཐག་གཅོད་གནང་།