སྤྱི་ལོ་ ༡༩༧༤ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་གཉིས་པར་། བོད་ཀྱི་ལོ་གསར་ཚེས་ ༣ ཉིན་གཞོན་ནུའི་དཔལ་འབྱོར་འདུ་འགོད་ཉིན་མོར་བརྩིས་ཏེ། དེ་ཉིན་ས་གནས་སོ་སོར་ས་གནས་རྒྱུན་ལས་ནས་ཞལ་འདེབས་བསྡུ་ལེན་ཚགས་ཚུད་ཞུ་ཐུབ་པ་དགོས་རྒྱུ་ཞེས་གཏན་འབེབས་གནང་བ་དང། ཡང་སྤྱི་ལོ་ ༡༩༩༡ ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༢ པ་ལ་དྭགས་གླེ་རུ་བསྐྱངས་སྐབས། ལོ་གསར་ཚེས་ ༣ ཉིན་རྒྱུན་དུ་གཞོན་ནུའི་དཔལ་འབྱོར་ཉིན་མོ་ཞེས་སྲུང་བརྩི་དང་འབྲེལ་དཔལ་འབྱོར་འདུ་འགོད་ཞུ་མུས་ལྟར། ལོ་གསར་ཚེས་ ༣ ཉིན་ས་གནས་བབས་བསྟུན་མ་ཐུབ་པ་རྣམས་ཀྱི་འཁྲུངས་སྐར་དུས་ཆེན་ཉིན་དཔལ་འབྱོར་འདུ་འགོད་གནང་བའི་དངུལ་འབབ་ཇི་བྱུང་འཆད་ལུས་མེད་པར་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་འབུལ་རྒྱུ་ཞེས་གཏན་འབེབས་གནང་ཡོད་པ་རེད།