༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དམ་ནི། བོད་ཀྱི་ས་ཁྲ་དང་སྟེང་འོག་ཏུ་དབྱིན་བོད་ཤན་སྦྱར་ཐོག་ལྷན་ཚོགས་ཀྱི་མིང་འཁོད་པའི་དབྱིབས་སྒོར་མོ་ཅན་ཞིག་ཡོད། དེ་ཡང་ས་ཁྲ་བཀོད་པ་ནི་དར་ཆའི་འགྲེལ་བརྗོད་ནང་གསལ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་རྒྱལ་ཁབ་དེ་རང་ལག་ཏུ་སོན་པར་བྱེད་པའི་དྲན་བརྟེན་དུ་བཀོད་པ་ཡིན།