སྤྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཚོགས་འདུར་མཉམ་བཞུགས་གནང་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་འཐུན་ཚོགས་ (International Union of Socialist Youth) ཀྱིས་ལོ་ལྟར་རྒྱལ་སྤྱིའི་ས་གནས་ཁག་གང་སར་གལ་ཆེའི་ཚོགས་འདུ་འདྲ་མིན་སྐོང་ཚོགས་བྱེད་བཞིན་ཡོད་པ་ལྟར། སྤྱི་ལོ་ ༢༠༡༧ ལོའི་ཨེ་ཤེ་ཡའི་ལྷན་ཚོགས་དེ་བཞིན་སྤྱི་ལོ་ ༢༩༡༧ ཟླ་བ་ ༡༡ ཚེས་ ༡༦ ནས་ ༡༩ བར་ཉིན་བཞིའི་རིང་མ་ལེ་ཤི་ཡའི་(Malaysia)རྒྱལ་ས་སྤེ་ནང་(Penang) དུ་མ་ལེ་ཤི་ཡའི་གཞོན་ནུ་མཉམ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཚོགས་འདུ་སྐོང་ཚོགས་བྱས་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཨེ་ཤེ་ཡའི་ལྷན་ཚོགས་ལ་མཉམ་བཞུགས་ཀྱིས་བོད་ཀྱི་ཁོར་ཡུག་དེ་བཞིན་སྤྱིར་འཛམ་གླིང་ཡོངས་དང་ལྷག་པར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གལ་ཆེན་ཡིན་པའི་གནས་ལུགས་དང་། ལྷག་པར་བོད་ཀྱི་གནས་བབ་འགྲེལ་བརྗོད་དང་ལྷན་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པ་སོགས་འགྲེལ་བརྗོད་གནང་ནས་ཚོགས་བཅར་བ་ཡོངས་ལ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།