སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༡༡།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གཏན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet) སུ་བཅར་ཡོད་པ་རེད།

དེ་ཡང་ སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༡༡།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གཏན་གཞིས་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet) སུ་(དུ་)བཅར་ནས་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་ (Matteo Mecacci) ལགས་དང་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ Tencho Gyatso ལགས་མཇལ་འཕྲད་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྔ་ཕྱི་བར་གསུམ་དུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྣ་མང་སྤེལ་ཐུབ་པ་མ་ཟད། སྤྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་གཏན་འབེབས་སྐབས་ཞུ་གཏུགས་དང་འབོད་སྐུལ་སོགས་གང་ལེགས་གནང་བ་དང་། བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ནས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་སྐབས་རྒྱུས་སྟོན་རོགས་རམ་སོགས་གནང་བར་ཡི་རང་བསྔགས་བརྗོད་ཀྱི་གཟེངས་བསྟོད་ཅིག་འབུལ་ལམ་ཞུས་པ་མ་ཟད། སླད་མ་འོངས་པར་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གིས་ཞུ་གཏུགས་ལས་འགུལ་སོགས་སྤེལ་སྐབས་ལམ་སྟོན་རོགས་རམ་དང་ས་གནས་སོ་སོ་ནས་བྱ་དགོས་པའི་ལས་དོན་ཁག་ཀྱང་བཀོད་མངག་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།