སྤྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐུ་ཚབ་དབུས་རྒྱུན་བཞི་རྒྱ་གར་རྒྱལ་ས་ལྡི་ལིའི་ས་དྷར་རྗོང་སྨན་ཁང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་དང་ཁོང་གི་ནང་མིར་ནད་གསོའི་འཚམས་འདྲིའི་ཆེད་དུ་བཅར་ཡོད་པ་རེད།

12805899_972855626166450_4750746345016440718_nདེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༢ ཚེས་ ༢༩ ཕྱི་དྲོ་ཚོུད་ ༨།༣༠ ཙམ་ལ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་མངའ་སྡེའི་ནང་རང་ལོ་ ༡༦ ལ་གསོན་པའི་བུ་རྡོ་རྗེ་ཚེ་རིང་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གཟུ943964_972855812833098_41788120008790719_nགས་ཀྱི་གནས་སྟངས་ཆེས་ཛ་དྲག་ཆགས་ཡོད་སྟབས་ལྡི་ལི་ས་དྷར་ལྗོང་(Safdarjung hospital)སྨན་ཁང་དུ་ཛ་དྲག་སྨན་བཅོས་ཆེད་བསྐྱལ་ཡོད་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས། དྲུང་ཆེ་བཀྲིས་ལམ་བཟང་ལགས། སྤྱི་ཞབས་འགན་འཛིན་ཡེ་ཤེས་བསྟན་འཛིན་བཅས་སྨན་ཁང་དུ་ཆེད་བཅར་གྱིས་ཁོང་དང་ཁོང་གི་ནང་མིར་ནད་གསོ་དང་ཐུགས་གསོའི་འཚམས་འདྲི་གནང་བ་མ་ཟད། སྐབས་དེར་ལྡི་ལི་བསམ་ཡས་གླིང་ས་གཞོན་གྱིས་སྨན་ཁང་ལ་ཕྱག་རོགས་གནང་བཞིན་པར་སོང་། དགོས་ངེས་ཀྱི་རོགས་རམ་ཇི་དགོས་ཀྱང་ས་གཞོན་བརྒྱུད་ནས་འབྲེལ་བ་གནང་དགོས་པའི་ནན་བརྗོད་ཞུས་པ་མ་ཟད། སྨན་ཁང་གི་ཆེས་མཐོའི་སྨན་པར་སྨན་བཅོས་གང་ལེགས་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།