༄༅། རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ཡོངས་ལ།
ཆེད་ཞུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༥ པའི་རྒྱུན་ལས་ཡོངས་ནས་ཐོག་མར་ས་གནས་གཞོན་ལྷན་ཁག་གི་ཚོགས་གཙོ་གཙོས་པའི་རྒྱུན་ལས་དང་ཚོགས་མི་ཡོངས་ལ་འཚམ་འདྲི་ཞུ་རྒྱུ་དང་། མཁྱེན་གསལ་ལྟར་ལོ་ལྟར་སྤྱི་ཟླ་ ༧ ཚེས་ ༦ ཉིན་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་གནད་ཆེ་བའི་གཏན་འབེབས་ལས་འགུལ་ཞིག་ཆགས་ཡོད་པར་ས་གནས་གཞོན་ལྷན་ཁག་ཚང་མས་ལོ་ལྟར་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་མུས་ཡིན་ཀྱང་། ད་ཐེངས་སླར་ཡང་ས་གནས་གཞོན་ལྷན་ཁག་ཚང་མས་འདི་ལོའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་བརྒྱད་ལ་ཕེབས་པའི་འཁྲུངས་སྐར་ཉིན་༧མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པ་དང་གང་མགྱོགས་རང་ཡུལ་གངས་ཅན་གྱི་ལྗོངས་སུ་ཞབས་སོར་འཁོད་ཐུབ་པ་སོགས་ཀྱི་ཆེད་དུ་བསང་གསོལ་དར་འཛུགས་དང་། མཆོད་འབུལ་སྨོན་ལམ། སྲོག་བླུ་བྱེད་རྒྱུས་མཚོན་པའི་ལས་རིམ་གྱི་ཐོག་ནས་སྲུང་བརྩི་ཞུ་བ་དང་། ལྷག་པར་གཞོན་ལྷན་ཚོགས་མི་ཡོངས་ནས་༧སྐུའི་འཁྲུངས་སྐར་ཉིན་དམར་ཟས་འཛེམས་གནང་ཡོང་བའི་ནན་སྐུལ་ཞུ་རྒྱུ་ཡིན།།
གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ལ།། །།