བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བཞིན་པའི་ཆབ་སྲིད་དང། ཆོས་ཕྱོགས། རིག་གཞུང། སྐད་ཡིག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་རྒྱུན་སྐྱོང་དང་གོང་སྤེལ་ཡོང་ཐབས་སུ་དཔལ་འབྱོར་གྱི་མཐུན་རྐྱེན་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་། གཏོང་ཕོད་ཅན་གྱི་མི་སྣ་སྒེར་གྱི་ཞལ་འདེབས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཆགས་ཡོད་པས། ཁྱེད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བཞིན་པའི་ཆབ་སྲིད་དང། ཆོས་ཕྱོགས། རིག་གཞུང། སྐད་ཡིག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་རྒྱུན་སྐྱོང་དང་གོང་སྤེལ་ཡོང་ཐབས་སུ་འཆར་ཅན་གྱིས་ལོ་ལྟར་ཞལ་འདེབས་འབུལ་བ་དང། ཡང་ན་དུས་ཚོད་ངེས་མེད་ཀྱི་ཞལ་འདེབས་འབུལ་བ། ཡང་ན་ལས་འཆར་ཁག་ལ་སྦྱིན་བདག་གནང་བ་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་ཐུབ་ཀྱི་ཡོད།
ཞལ་འདེབས་འབུལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ལ་བཅར་ནས་ཕུལ་ན་འགྲིགས་ལ། གཤམ་གྱི་དྲ་ཐག་ཐོག་སྣུན་ནས་ཞལ་འདེབས་གནང་ནའང་འགྲིགས། དེ་མིན་རང་ཉིད་གནས་ཁུལ་གྱི་ས་གནས་གཞོན་ལྷན་ཡིག་ཚང་ལ་ཞལ་འདེབས་གནང་ནའང་གྲིགས། འོན་ཀྱང་ཞལ་འདེབས་གནང་བའི་བྱུང་འཛིན་དེ་ངེས་པར་དུ་ཁྱེད་ཀྱི་ལག་ཏུ་འཕྲོད་པ་བྱ་དགོས།