ཀ༽ ཚོགས་མིའི་འོས་ཚད།
༡། བོད་ཀྱི་ཆབ་འབངས་སུ་གཏོགས་རིགས་རྣམས་བོད་ཀྱི་གཞོན་ནུའི་ཚོགས་མིའི་འོས་ཚད་ཡིན།
༢། ཚོས་མིར་འཛུལ་ཞུགས་སྐབས་དོ་བདག་རང་ལོ་ ༡༤ ཟིན་པ་དགོས།
༣། ཚོགས་མི་རྣམས་ཀྱི་རང་ལོའི་མཐོ་ཚད་མེད། (རང་ལོ་མཐོ་ཚད་མེད་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་བོ་དང། དམིགས་ཡུལ་གཞི་རྩར་བཟུང་སྟེ་རང་གི་རྒྱལ་འབངས་ཀྱི་སྲི་ཞུ་སྒྲུབ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཤིག་ཡིན་པས་བོད་མི་རྒན་གཞོན་ཚང་མར་ལས་འགུལ་དེ་ཐོག་ཞུགས་རྒྱུའི་གོ་སྐབས་ཕུལ་བ་ཡིན།)
ཁ༽ ཚོགས་མིའི་ཐོབ་ཐང་དང་ལས་འགན།
༡། ཡོངས་གྲགས་རིག་འཚོ་མ་ཟིན་པའི་རིགས་ཕུད། ཚོགས་མི་ཚང་མར་འོས་བསྡུའི་ཁེ་དབང་འདྲ་མཉམ་ཡོད།
༢། རང་ལོ་ ༡༨ ཡན་གྱི་ཚོགས་མི་ཚོར་ས་གནས་རྒྱུན་ལས་དང་། རང་ལོ་ ༢༠ ཡན་གྱི་ཚོགས་མི་ཚོར་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་འོས་གཞིའི་ཐོབ་ཐང་ཡོད།
༣། ཚོགས་ཆེན་ནས་ས་གནས་རྒྱུན་ལས་བར་ལེགས་ཆའི་བསམ་འཆར་འདོན་སྤྲོད་ཀྱི་ཐོབ་ཐང་ཡོད།
༤། གཞོན་ལྷན་གྱི་སྒྲིག་གཞི་དང། དམིགས་ཡུལ་དོན་ཚན་བཞི་པོ་གཞི་རྩར་བཟུང་སྟེ་སྐབས་བསྟུན་ཚོགས་ཆེན་དང། འགན་འཛིན་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་ཁག་ཚོགས་མི་མི་རེ་ངོ་རེ་ནས་གང་ནུས་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ།
༥། ཚོགས་མི་སུ་ཡིན་ནས་གཞོན་ནུ་ལྷན་ཚོགས་ཀྱི་མིང་འཁྱེར་ཏེ་ཚོགས་པ་ཁག་གི་ལས་དོན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་མི་ཆོག།
ད་ལྟ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁྱོན་སུམ་ཁྲི་ལྔ་སྟོང་ཡོད།