ཚོགས་དངུལ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་ཆེ་ཤོས་དང་རིན་ཐང་ཆེ་ཤོས་ཀྱི་དཔལ་འབྱོར་ཡོང་ཁུངས་ཤིག་ཡིན། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་བཞུགས་བྱས་པའི་བོད་རིགས་རྣམས་ཀྱིས་ལོ་ལྟར་ཧིན་སྒོར་ ༥༠ ཡི་ཚོགས་དངུལ་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབུལ་བཞིན་ཡོད་པ་དང། ཚོགས་དངུལ་དེ་དག་ལ་བརྟེན་ནས་ད་ལྟ་བར་བོད་བསྟན་སྲིད་ལ་སྨན་པའི་ལས་ལས་འགུལ་མང་དག་ཞིག་རྒྱུན་སྐྱོང་བྱ་ཐུབ་པ་བྱུང་ཡོད། དེས་ན་གཞོན་ལྷན་གྱི་ཚོགས་མི་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་རང་ཉིད་ཀྱི་ཚོགས་དངུལ་དེ་དུས་ཐོག་ལ་འབུལ་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་ཆགས་ཡོད་པ་དང། གཞོན་ལྷན་གྱི་ཚོགས་མི་མ་ཡིན་པའི་བོད་རིགས་ཚོས་ཀྱང་རང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་གཞོན་ལྷན་གྱི་ཚོགས་མིར་འཛུལ་བཞུགས་དང། གཞོན་ལྷན་གྱི་ལས་དོན་ཁག་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་ཡོང་ཐབས་བྱ་རྒྱུ་དེ་ད་ལྟའི་ང་ཚོའི་མི་རབས་འདིའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།