སྤྱི་ལོ་ ༢༠༡༥ ཟླ་བ་ ༩ ཚེས་ ༡༣ ཉིན་ཝཱཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཚད་མ་རིག་པ་དར་ཚུལ་དང་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་སོགས་ཀྱི་ཐོག་ལ་དགེ་བཤེས་དང་སློབ་དཔོན་སོགས་གདན་ཞུས་ཀྱི་གསུང་བཤད་དང་གོ་སྒྲིག་ཞུས་ཡོད་འདུག

Warna 1དེ་ཡང་སྤྱི་ལོ་ ༢༠༡༥ ། ༩ ། ༡༣  རེས་གཟའ་ཉི་མའི་ཉིན་སློབ་གཉེར་བ་ཚོའི་ཤེས་ཡོན་གོང་སྤེལ་སླད། ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་སམ་བྷོ་ཊའི་ཚོགས་ཁང་དུ་ཝཱཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཞོགས་པ་ཆུ་ཚོད་ ༨.༣༠ ནས་ ༩.༣༠ བར་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་<<ཚད་མ་རིག་པའི་དར་ཚུལ་>>གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་ནས་དུས་རབས་དྲུག་པའི་ནང་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་བརྩམས་པ་ནས་ནWarna 2ང་པའི་ཚད་མ་རིག་པ་དར་འགོ་ཚུགས་ཚུལ་དང་།དེ་རྗེས་དུས་རབས་བཅུ་གཉིས་པའི་ནང་བོད་ཀྱི་ལོ་ཙ་བ་བློ་ལྡན་ཤེས་རབ་ལགས་ཀྱིས་དེ་ཉིད་ཀྱིས་གཙོས་པའི་ཚད་མའི་གཞུང་མང་པོ་བོད་བསྒྱུར་དང་འཆད་ཉན་བཙུགས་ཚུལ་སོགས་ཞིབ་ཕྲ་གསུངས་གནང་འདུག་པ་དང་། ཚོད་ ༩.༣༠ ནས་ ༡༠.༣༠ བར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་<<ནང་པའི་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་>>ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ནས་༡༽ མྱོང་བ་སྔོན་སོང་། ༢༽ གོམས་པ་སྔོན་སོང་། ༣༽ཉེར་ལེན་སྔོན་སོང་། ༤༽ རིགས་འདྲ་སྔོན་སོང་བཅས་རིགས་པ་བཞིའི་སྒོ་ནས་ནང་པའི་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་ལེགས་པར་གསུངས་གནང་འདུག དེ་བཞིན། ཆུ་ཚོད་ ༡༠.༣༠ ནས་ ༡༡.༣༠ བར་དགེ་བཤེས་ངག་དབང་བསྟན་འཕེལ་ནས་<<རྟོག་གེ་སྡེ་ལྔ་ལས་སྐྱེ་བ་སྔ་ཕྱི་མི་འདོད་མཁན་ངོས་འཛིན་དང་ཁུངས་བཅས་བཤད་པ་>>ཅེས་པའི་ཐོག་གསུང་བཤད་གནང་་ནས་རྟོག་ངེ་སྡེ་ལྔ་ངོ་སྤྲོད་དང་དེ་དག་ལས། ལས་འབྲས་དང་སྐྱེ་བ་སྔ་འདོད་མི་འདོད་ཀྱི་དབྱེ་བ།ཟཟ རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པར་བཤད་པའི་མདོ་བསྟན་གྱི་ཁུངས་བཅས་ཞིབ་ཏུ་གསུངས་ནས་རིམ་པས་བརྗོད་གཞི་ཁག་གི་ཐོག་དྲི་བ་དྲི་ལན་གནང་བ་སོགས་གནང་ཡོད་འདུག

དེའི་ཉིན་ཝཱཎ་མཐོ་སློབ་ཀྱི་སློབ་གཉེར་བ་ ༥༠ ཙམ་གྱིས་ཆ་ཤས་བླངས་ཐུབ་ཡོད་པ་བྱུང་ཡོད་འདུག