བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ལོ་ལྟར་རྒྱ་བལ་འབྲུག་གསུམ་གྱི་ན་གཞོན་བོད་རིགས་སློབ་མ་ཚོར་“མི་རབས་གསར་པའི་ཟབ་སྦྱོང་”ཞེས་པ་ཞིག་སྤྲོད་བཞིན་ཡོད་པ་ལྟར། སྐབས་གསུམ་པའི་མི་རབས་གསར་པའི་ཟབ་སྦྱོང་དེ་བཞིན་འདི་ལོའི་སྤྱི་ཟླ་ ༦ ཚེས་ ༢༠ ནས་ ༢༣ བར་ཉིན་བཞི་རིང་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེ་གླེང་མོལ་ཁང་ཞེས་པའི་ཚོགས་ཁང་དུ་གནང་ཡོད་པ་དང་། སྤྱི་ཚེས་ ༢༠ ཉིན་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཆེད་བཅར་ཞུས་ཡོད་པ་དང་། ཟབ་སྦྱོང་ཉིན་བཞི་པའི་ཚོགས་ཐེངས་གཉིས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ནས་མང་གཙོའི་སྤྱི་ཚོགས་ནང་གཞོན་སྐྱེས་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་སློབ་གཉེར་བ་གཞོན་སྐྱེས་ ༣༧ ཙམ་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་བཅར་ཡོད་པ་རེད།