བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༢ དེ་བཞིན་ཝ་ར་ཎ་སི་ས་གནས་གཞོན་ནུའི་གོ་སྒྲིག་འོག་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༤ནས་ཚེས་ ༨ བར་ཝ་ར་ཎ་སིར་ཚོགས་ཡོད་པ་དང་། སྐབས་དེར་གདན་ཞུས་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སྐུ་མགྲོན་གཙོ་བོར་ཆེད་བཅར་ཞུས་པ་མ་ཟད། ཚོགས་བཅར་བ་མཐོ་རིམ་སློབ་མ་ ༡༠༠ ཙམ་ལ་བོད་དོན་འཐབ་རྩོད་དང་འཚེ་མེད་ཞི་བའི་ཐབས་ལམ་གྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཀྱང་གནང་ཡོད་པ་རེད།