བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་རྒྱུན་དུ་ཆབ་སྲིད་ཀྱི་ཐོག་ནས་བོད་རང་བཙན་སླར་གསོ་དང་བོད་ནང་གི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ཀྱི་ཐོག་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་དང། དེ་བཞིན་བོད་ཀྱི་མཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག་སོགས་མི་ཉམས་གོང་འཕེལ་ཡོང་ཐབས། གཞན་ཡང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་པ་ཁག་ལ་རང་ཉིད་ཀྱི་དུས་ཚོས་ཟུར་བཅད་ཀྱིས་མཉམ་བཞུགས་བྱེད་པ་དང་ཆ་ཤས་ལེན་པ། ཡང་ན་རང་ཉིད་ཀྱི་གྲོགས་པོ་དང་སྤུན་མཆེད་སོགས་ལ་གཞོན་ལྷན་གྱི་ལས་འགུལ་གསལ་བཤད་ཀྱིས་མཉམ་བཞུགས་བྱ་རྒྱུར་སྐུལ་ལྕག་བྱེད་པ། དེ་བཞིན་གཟོན་ལྷན་གྱི་ལས་འགུལ་དང་གལ་ཆེའི་གསུང་འཕྲིན་དང་གསར་འགོད་གསལ་བསྒྲགས་སོགས་དྲ་ཐོག་ནས་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་ཐོག་ནས་མཉམ་བཞུགས་རྒྱབ་སྐྱོར་གནང་ཆོག་པ་ཡིན། དེ་ལྟར་བྱེད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆེད་དུ་མ་ཡིན་པར་བོད་མི་རིགས་ཀྱི་བདེ་དོན་དང་། བོད་ཀྱི་མཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ། གནར་གཅོད་མྱོང་བཞིན་པའི་མི་རིགས་ཤིག་གི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཁོ་ནའི་ཆེད་དུ་ཡིན།