༄༅། །བྱང་ཨ་རིའི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གསུམ་པའི་གྲོས་གཞི་གྲོས་ཆོད་ཁག
གྲོས་གཞི་དོན་ཚན་དང་པོ།
བྱང་ཨ་རིའི་ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་གཤེར་གནང་རྒྱུ་དང་། འགན་འཛིན་ལྷན་ཚོགས་༡༢པའི་གྲོས་ཆོད་ཁག་ལ་ཞིབ་གཤེར་དང་འབྲེལ་ཕྱག་ལེན་འཁེལ་བསྡད་འཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
བྱང་ཨ་རིའི་ས་གནས་གཞོན་ལྷན་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་གཤེར་འཐུས་གཙང་ཟིན།
གྲོས་གཞི་དོན་ཚན་གཉིས་པ།
བོད་ནང་གི་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་རྒྱལ་སྤྱིའི་སྟེང་སྔར་ལྷག་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
ཀ༽ དབུས་དང་ས་གཞོན་གཉིས་ཀྱི་སྤྱི་ཚོགས་འབྲེལ་ལམ་བརྒྱུད་རྒྱལ་ཁབ་འདྲ་མིན་ཁག་ལ་འབྲེལ་བ་བྱས་ནས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་རྣམས་ཁྱབ་སྤེལ་བྱ་རྒྱུ།
ཁ༽ རྒྱལ་གཅེས་དཔའ་བོ་དཔའ་མོའི་མཛད་རྗེས་དང་ལོ་རྒྱུས་ཀྱི་གློག་བརྙན་དང་སྐུ་པར་། དེ་བཞིན་དེབ་སོགས་པར་བསྐྲུན་འགྲེམས་སྤེལ་བྱ་རྒྱུ།
ག༽ བོད་དོན་སྐོར་མི་རིགས་གཞན་གྱི་འབྲེལ་ཡོད་མི་སྣ་ཁག་ལ་ཞིབ་འཇུག་ལེགས་གནང་ཐོག་སྤྱི་ཚོགས་འབྲེལ་ལམ་བརྒྱུད་ཁྱབ་སྤེལ་གང་ཐུབ་གནང་རྒྱུ།
ང༽ བོད་དོན་བདེན་མཐའ་སེལ་ཐབས་ལེགས་ཤོས་ནི། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་དམ་ཟབ་དགོས་ལ། བྱང་ཨ་རིའི་ས་གནས་གཞོན་ནུ་ཁག་མཉམ་འཛོམས་ཐོག་མཉམ་འབྲེལ་རྒྱལ་ཚོགས་སུ་ལོ་གཅིག་ནང་ལས་འགུལ་ཐེངས་གཅིག་སྤེལ་རྒྱུ།
གྲོསས་གཞི་དོན་ཚན་གསུམ་པ།
རྒྱ་ནག་འགོ་འཁྲིད་འཕོ་འགྱུར་གྱི་གཙོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་ནས་བྱང་ཨ་རིའི་ས་གཞོན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
ཀ༽ བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་བཀའ་སོགས་དབུས་རྒྱུད་ནས་ཕེབས་སྐབས་བོད་མི་རྣམས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལས་འགུལ་སྐད་འབོད་སོགས་གནང་སྐབས། སྐབས་དང་དུས་ལ་གཟིགས་ནས་སྐད་འབོད་རན་པོའི་ཐོག་ནས་གནང་དགོས་པ་མ་གཏོགས་གཞན་ལ་ཕོག་ཐུག་ཡོང་བའི་ཚིག་ངན་རིགས་བེད་སྤྱོད་བྱ་རྒྱུ་མིན།
ཁ༽ བོད་མི་རྣམས་ལ་སྐད་འབོད་བྱེད་སྟངས་བྱེད་ལུགས་ཐོག་ངེས་པར་དུ་གཟབ་སྦྱོང་སྤྲོད་རྒྱུ།
གྲོས་གཞི་དོན་ཚན་བཞི་པ།
བྱང་ཨ་རིའི་ས་གཞོན་ཁག་ནས་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་༧སྐུའི་ཉེན་སྲུང་དང་ལྷག་པར་དོལ་རྒྱལ་རྗེས་འབྲངས་པའི་བྱ་སྤྱོད་ལ་འགན་འཁུར་བྱ་ཕྱོགས་ཇེ་དགེའི་སྐོར།
གྲོས་ཆོད།
༧གོང་ས་མཆོག་བོད་མིའི་ས་གནས་ཁག་ཏུ་ཆིབས་བསྒྱུར་གནང་སྐབས། ༧སྐུའི་སྲུང་སྐྱོབ་སླད་ཉེན་སྲུང་གི་འགན་འཁུར་ཐོག་ས་གནས་གཞོན་ལྷན་ནས་མཐུན་གྱུར་རྒྱབ་སྐྱོར་ཞུ་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ།
བྱང་ཨ་རིའི་ས་གཞོན་ཁག་ནས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
ཀ༽ འབྲེལ་ཡོད་བོད་གཞུང་གི་ལྷན་ཁང་ཁག་ལ་བྱང་ཨ་རིའི་ས་གནས་ཁག་གི་བོད་རིགས་གཞོན་སྐྱེས་ཚོའི་བོད་ཀྱི་ཆོས་རིག་དང་སྐད་ཡིག་སློབ་གསོའི་ཐོག་འགན་འཁུར་དང་ཤུགས་གནོན་དགོས་པའི་ཞུ་སྙན་འབུལ་རྒྱུ།
ཁ༽ ས་གནས་བོད་མིའི་གནས་སྟངས་ལ་གཞིགས་ནས་ལྷག་དཀར་གྱི་ལས་འགུལ་མུ་འཐུད་སྤེལ་རྒྱུ།
ག༽ བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་སླད་ལས་འགུལ་ཆེ་ཕྲ་གང་མང་སྤེལ་རྒྱུ་དང་།
ང༽ ས་གནས་གཞོན་ནུ་ལྷན་ཚོགས་ཁག་དང་དུས་ནས་དུས་སུ་འབྲེལ་བ་གནང་ཐོག་བོད་ཀྱི་ལོ་རྒྱུས་རིག་གནས་སྐོར་འབྱུང་འགྱུར་གཞོན་སྐྱེས་རྣམས་ལ་ཕན་པའི་ལས་འགུལ་ཆེ་ཕྲ་གང་མང་སྤེལ་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ།
གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་སླད་བྱང་ཨ་རིའི་ས་གཞོན་ཁག་དབར་དང་། ལྷག་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བྱང་ཨ་རིའི་ས་གཞོན་དབར་གྱི་འབྲེལ་ལམ་གོང་སྤེལ་གཏོང་ཕྱོགས་ཇི་དགེའི་སྐོར།
ཀ༽ བྱང་ཨ་རིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་། ཡན་ལག་རྒྱ་སྐྱེད་ཆེད་ས་གཞོན་ཁག་སོ་སོའི་ས་གནས་ཀྱི་གནས་བབས་ལ་ཉམབས་ཞིབ་གནང་རྗེས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ལ་འབྲེལ་ཞུས་ཀྱིས་འཚམས་གཟིགས་དང་མང་ཚོགས་ལ་བཀའ་སློབ་ལས་རིམ་གོ་སྒྲིག་གནང་རྒྱུ།
ཁ༽ དབུས་སའི་འབྲེལ་ལམ་སྔར་ལྷག་ཡར་རྒྱས་ཚགས་ཚུད་ཡོང་ཆེད་ཕྱོགས་གཉིས་ཀས་དུས་ཐོག་ཏུ་འབྲེལ་ལམ་ཞུ་རྒྱུ།
ག༽ དབུས་གཞོན་ནུ་ལྷན་ཚོགས་ཀྱི་བཀའ་ཁྲོལ་འོག་ངེས་པར་དུ་འབྲེལ་མཐུད་པ་ཞིག་འདི་ག་བྱང་ཨ་རི་ས་གནས་སུ་བསྐོ་བཞག་གནང་ཐབས་བྱ་རྒྱུ།
སྤྱི་སྨན་དགོངས་འཆར།
ཀ༽ བྱང་ཨ་རིའི་ས་གནས་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་༡༤ཝིས་ཀོན་སིན་༼ Wisco Si༽ས་གཞོན་ནས་གོ་སྒྲིག་གནང་རྒྱུ།
ཁ༽ བྱང་ཨ་རིའི་ས་གཞོན་ཁག་དབར་ཟླ་༣རེ་མཚམས་ཁ་པར་བརྒྱུད་ཚོགས་འདུ་གོ་སྒྲིག་གནང་རྒྱུ།
བྱང་ཨ་རིའི་ས་གནས་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣ནས།
སྤྱི་ལོ་ ༢༠༡༣ ཟླ་བ་ ༧ ཚེས་ ༡ ཉིན།
ཚོགས་འདུའི་གཙོ་སྐྱོང་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད།