བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༨ པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་རྒྱལ་སའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ལོ་ ༢༠༡༨ ཟླ་བ་ ༦ ཚེས་ ༢༣ དང་ ༢༤ སྟེ་ཉིན་གཉིས་རིང་སྐོང་ཚོགས་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཆེད་བཅར་གྱིས་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་བ་དང་། ལྷན་ཚོགས་ཉིན་གཉིས་རིང་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། སན་ཧྥེ་རན་སི་ཀོ་ས་གནས་གཞོན་ནུ། ཝི་སི་ཁོན་སི་ས་གནས་གཞོན་ནུ། མི་ནི་སོ་ཊ་ས་གནས་གཞོན་ནུ། ཌི་སི་ས་གནས་གཞོན་ནུ་བཅས་ཀྱི་སྐུ་ཚབ་ཚོགས་བཅར་བ་ཚོས་འགན་ལྷན་གྱི་གྲོས་གཞི་དོན་ཚན་ཁག་ལ་བགྲོ་གླེང་དང་སྦྱང་བཤད་ལྷུག་པོར་གནང་རྗེས། ཉིན་གཉིས་པའི་ཕྱི་དྲོར་གྲོས་ཆོད་གཏན་འབེབས་ཀྱིས་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ལེགས་པར་གྲུབ་ཡོད་པ་རེད།