སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གཏན་གཞི་བྱས་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་བཅར་ཡོད་པ་རེད།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་ནི་བོད་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་མཚོན་ནུས་པའི་གཞུང་ངམ་སྒྲིག་འཛུགས་ཤིག་ལ་ངོས་འཛིན་གྱིས་ས་གནས་གང་དུ་སོང་ཡང་ཐོག་མར་ས་གནས་གང་དེར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁུངས་སམ་ས་གནས་འགོ་འཛིན་ལས་ཁུངས་སུ་འཚམས་འདྲིར་བཅར་བཞིན་ཡོད་པ་ལྟར། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གཏན་གཞི་བྱས་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་བཅར་གྱིས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་པ་དང་ཆབས་ཅིག། སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་བྱ་ཕྱོགས། ཡང་སྒོས་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གི་གནས་བབ་ངོ་སྤྲོད་སྙན་གསེང་ཞུས་པ་མ་ཟད། སླད་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ནས་བོད་ཀྱི་རྩ་དོན་ལས་འགུལ་ལ་སྨིན་པའི་ལས་དོན་ཞུ་དགོས་རིགས་བཀོད་མངག་ལམ་སྟོན་གནང་སྐྱོངས་ཡོང་བ་དང་དེ་བཞིན་ས་གཞོན་ཁག་གི་རྒྱུན་ལས་ན་གཞོན་ཚོར་ཡང་གཟིགས་རྟོགས་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།