དེ་རིང་སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཕྱི་ཚེས་ ༧ ཉིན་མོར་བཞུགས་སྒར་རྡ་སར་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་འགན་བསྡུར་གྱི་མཐའ་མོ་རྩེད་འགྲན་བྱས་ནས་བྱ་དགའ་གསོལ་རས་ཀྱང་གནང་ཡོད་པ་རེད།

ཡེ་ཤེསདེ་ཡང་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་རྡ་སར་དབུ་བརྙེས་ཡོད་པ་དང་། དུས་དེ་ནས་བཟུང་ལོ་ལྟར་སྤྱི་ཟླ་ ༡༠ ཚེས་ ༧ ཉིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གིས་ལོ་ལྟར་ས་ཁུལ་སོ་སོར་བོད་ཀྱི་གཞོན་ནུའི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་ཡོད་པ་ལྟར། དེ་རིང་རྡ་ས་གནས་གཞོན་ནུའི་གོ་སྒྲིག་འོག་བཞུགས་སྒར་རྡ་སའི་གངས་སྐྱིད་གཞོན་ནུའི་རྩེད་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། དུས་དྲན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གཞོན་ལྷན་དབུས་རྒྱུན་ཟུར་པ་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐུ་ཚབ་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་གཉིས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་སྐུ་མགྲོན་དུ་ཕེབས་ཡོད་པ་དང་། མཛད་སྒོ་དབུ་འཛུགས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་བྱེད་སྐབས་ཀྱི་གནས་བབ་དང་དམིགས་ཡུལ་སོགས་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་མ་ཟད། འདས་པའི་ལོ་ངོ་ ༤༦ ཙམ་གྱི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཆབ་སྲིད་ཀྱི་འཐབ་བརྩོད་ལས་འགུལ་ཙམ་མ་ཡིན་པར་ཆོས་རིག་དང་སྤྱི་ཚོགས་ཞབས་ཞུ། དེ་བཞིན་མང་གཙོ་གོང་འཕེལ་དང་གཞོན་སྐྱེས་ཀྱི་ནུས་པ་སྐྱེ་སྲིང་སོགས་ཀྱི་ཐོག་ལ་འབུར་དུ་ཐོན་པའི་ཕྱག་ལས་གནང་ཡོད་པLamsang 5་སོགས་དཔེ་མཚོན་དང་བཅས་པ་གསལ་བཤད་གནང་བ་དང་། དེ་བཞིན་ད་ལྟའི་གཞོན་སྐྱེས་ཚོས་གཡོལ་ཐབས་མེད་པའི་མི་རིགས་ཀྱི་འཐནབ་རྩོད་འགན་འཁུར་ཕྲག་ཏུ་ལེན་དགོས་པ་དང་། རྒྱལ་སྤྱིིའི་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱིས་སྒོ་གང་ས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་བོད་དོན་ལས་འགུལ་ཅི་རིགས་ལ་མཉམ་བཞུགས་ཀྱི་འགན་ཁུར་འདུ་ཤེས་གོང་མཐོར་གཏོང་དགོས་པའི་དུས་ལ་བབ་ཡོད་པ། དེ་བཞིན་འགྲོ་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟད་བཅད་ལས་འགུལ་ངོ་སྤྲོད་དང་འབྲེལ་ལས་འགུལ་དེར་ཚང་མས་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་བཀའ་སློབ་གསུང་བཤད་གནང་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་གཞོན་ལྷན་དབུས་རྒྱུན་ཟུར་པ་ཀརྨ་ཡེ་ཤེས་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཆོལ་ཁ་ཆོས་ལུགས། ཕོ་མོ་སྐྱ་སེར་དབྱེ་འབྱེད་མེད་པའི་ཚོགས་པ་ཞིག་ཡིན་པ་དང་། ཐོག་མར་འཛུགས་མཁན་སྐུ་གྲོངས་ཟིན་པ་དང་ད་ལྟ་བཞུགས་ཡོད་པ་གཉིས་ཀ་ཡོད་པ་རེད། སྒྲིག་འཛུགས་འདི་ད་ལྟ་བར་གནས་ཡོད་པ་དང་། བོད་ཀྱི་རྩ་དོན་ཆེད་དུ་ལས་དོན་མང་པོ་གནང་ཡོད་སྐོར། སྐབས་སྐབས་སུ་གང་ཟག་སྒེར་རེ་ཟུང་ལ་བརྟེན་ནས་དཀའ་ངལ་ཡོང་སྲིད་ཀྱང་། ཚོགས་པ་འདི་སྒེར་སུ་ཞིག་ལ་དབང་གི་མེད་པར་བོད་སྤྱི་ལ་བདག་པ་ཞིག་ཡིན་པས། ཚང་མས་འགན་ཁུར་དགོས་པ་དང་། གཙོ་བོ་དབུས་རྒྱུན་དང་ས་གནས་རྒྱུན་ལས་ཚང་མས་གཞོན་ལྷན་ཐོག་མར་འཛུགས་སྐབས་ཀྱི་དམིགས་ཡུལ་བཞི་གཞིར་བཟུང་གིས་ལས་དོན་བྱེད་དགོས་སྐོར་ཀྱི་བཀའ་སློབ་གསུང་བཤད་གནང་སོང་།

དབུ་འཛུགས་མཛད་སྒོ་གྲུབ་རྗེས་དུས་ཡུན་ཟླ་གཅིག་ཙམ་གྱི་རིང་བུའི་རུ་ཁག་ ༡༢ དང་བོུའི་རུ་ཁག་ ༦ གྱི་དབར་རྩེད་འགྲན་བྱས་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་འགྲན་བསྡུར་གྱི་ཆེས་མཐའ་མའི་རྩེད་འགྲན་དེ་བུའི་རུ་ཁག་རྡ་ས་དང་འབྲོག་པ་དབར་དང་བོུའི་རུ་ཁག་སྨན་རྩིས་ཁང་མཐོ་སློབ་དང་ས་རཱ་མཐོ་སློབ་དབར་རྩེད་འགྲན་བྱས་ནས་མཐར་བུའི་འབྲོག་པ་རུ་ཁག་དང་བོུའི་སྨན་རྩིས་ཁང་རུ་ཁག་གཉིས་ལ་ཨང་དང་པོ་ཐོབ་ཡོད་པ་རེད།