10402884_971366312982048_1974383628989736506_npklསྤྱི་ལོ་ ༢༠༡༦ ཟླ་བ་ ༢ ཚེས་ ༢༧ ནས་ ༢༩ བར་ཀོ་ལི་ཀ་ཏར་ཡོད་པའི་རྒྱ་གར་ཤར་གླིང་རིག་གཞུང་རྒྱུད་འཛིན་ལྷན་ཚོགས་ (Indian institute of oriental heritage Kolkata) ཀྱིས་གོ་སྒྲིག་ཞུས་པའི་ཐེངས་ ༣༩ པའི་རྒྱལ་སྤྱིའི་ཤར་གླིང་རིག་གཞུང་ལྷན་ཚོགས་(39th Annual International Conference on Oriental Heritage) ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་བཅར་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༢ ཚེས་ ༢༧ ནས་ ༢༩ བར་དུས་ཡུན་ཉིན་གསུམ་གྱི་རིང་ཀོ་ལི་ཀ་ཏར་ཡོད་པའི་རྒྱ་གར་ཤར་གླིང་རིག་གཞུང་རྒྱུད་འཛིན་ལྷན་ཚོགས་ Indian institute of oriental heritage Kolkata ཀྱིས་གོ་སྒྲིག་ཞུས་པའི་ཐེངས་ ༣༩ པའི་རྒྱལ་སྤྱིའི་ཤར་གླིང་རིག་གཞུང་ལྷན་ཚོགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་བཅར་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་གཙོ་བོར་འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཁག་ ༢༥ ཡི་སྐུ་ཚབ་ཕེབས་ནས་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གཞུང་ངོ་སྤྲོད་གནང་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་ཀྱིས་ལྷན་ཚོགས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག གསོ་བ་རིག་པ་སོགས་ངོ་སྤྲོད་ཞུས་ཡོད་རེད། སྐབས་དེའི་གོ་སྒྲིག་ཚོགས་པའི་ངོས་ནས་ལྷན་ཚོགས་ལ་མཉམ་བཞུགས་གནང་མཁན་ཡོངས་ལ་པདྨ་བྷུ་སན་(Padma Bhusan Award)ཞེས་པའི་ཆེ་མཐོང་ཟེང་རྟགས་ཞིག་ཀྱང་ཕུལ་ཡོད་འདུག