ཉིན་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བ།
བོད་ཀྱི་གཞོན་ནུ་ལྷན་ཚོགས། སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༩ སྔ་དྲོ་ཚོུད་ ༡༡།༠༠

རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་རྒྱ་གར་ནང་ཉིན་གསུམ་རིང་འཚམས་གཟིགས་གནང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉིན་གསུམ་བསྟུད་མར་ལས་འགུལ་ཐེངས་དྲུག་སྤེལ་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གར་གྱི་སྲིད་བློན་ན་རེན་ཏ་མོ་དྷི་མཆོག་དང། དཔལ་འབྱོར་དང་རྒྱལ་སྲུང་བློན་ཆེན་ཨ་རུན་ཇ་ཁྲི་ལི་ Arun Jaitley ཕྱི་སྲིད་བློན་ཆེན་སུ་ཤི་མ་ས་ཝ་ར་ཇི་ Sushma Swarajdkd བཅས་ལ་ཞུ་སྙན་ཞིག་ཕུལ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་ཞུས་པ་དང་ཆགས་གཅིག རིང་མིང་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་རྒྱ་གར་གྱི་སྲིད་བློན་མཆོག་མཇལ་འཛོམས་གནང་སྐབས་བོད་དོན་ཐོག་གླེང་གློང་དང་བོད་ཀྱི་གནད་དོན་སེལ་ཐབས་ལ་འགན་འཁུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང།

སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༧ ཉིན་ཏེ་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་འཚམས་གཟིགས་ཀྱི་ཉིན་དང་པོར་དབུས་གཞོན་ལྷན་གྱི་གོ་སྒྲིག་འོག་ལྡི་ལིའི་བོད་རིགས་མི་མང་ནས་རམ་ལི་ལ་མའི་ཏན (Ram Leila) ནས་ཇམ་དྷར་མན་དྷར་ (Jantar Mantar) བར་ཞི་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ལགས་ཀྱང་ཚེས་ ༡༧ ཞོགས་པ་མི་མང་རྣམས་བསམ་ཡས་གླིང་གཞིས་སྒར་ནས་ཐོན་སྐབས་གཞིས་སྒར་ཉེ་འགྲམ་གྱི་ཟམ་པའི་འགོ་ཏུ་རྒྱ་གར་ཉེན་རྟོགས་པ་ཕོིན་ཆེ་འགྲེམ་འཇོག་གིས་མི་མང་རྣམས་དེ་གར་བཀག་འགོག་བྱས་ཡོད་པ་དང། མི་མང་རྣམས་ཀྱིས་གཞུང་ལམ་ཐོག་ཏུ་སྐད་འབོད་བྱས་པ་དང། བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་སྐུ་ཞབས་ཝི་ཇའི་ཀེ་རན་ཏི་མཆོག་དང། ཨ་རིར་གནས་བཞུགས་བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་རྩོམ་པ་པོ་རོ་སི་ཏང་ལགས་རྣམས་གཉིས་ཀྱིས་མི་མང་ལ་གཏམ་བཤད་གནང་ཡོད་འདུག འོན་ཀྱང་དེ་ཉིན་ཞོགས་པ་ཚོུད་ ༡༡ ཙམ་ལ་གཞོན་ནུའི་གསང་བའི་ལས་འགུལ་བ་གཞོན་སྐྱེས་ ༡༠ ཡིས་རྒྱ་ནག་གཞུང་འཚབ་ཁང་གི་མདུན་དུ་ཤོར་ནས་སྐད་འབོད་རྒྱབ་ཐུབ་པ་བྱུང་ཡོད་པ་རེད།

སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༨ ཞོགས་པ་ཚོུད་ ༩ པར་གཞོན་ནུའི་ལས་འགུལ་བ་མི་ ༨ ཀྱིས་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་གཟའ་ཟླ་གཉིས་བསྡད་ས་ཐ་ཇི་གསོལ་མགྲོན་ཁང་ (Taj Palace) གི་ཕྱི་རོལ་དུ་ཤོར་ནས་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང། སླར་ཡང་ཉིན་རྒྱབ་ཚོུད་ ༡ གཞོན་ནུའི་ལས་འགུལ་བ་བེུད་རྐྱང་རྐྱང་ ༣༦ གིས་ཞིའི་ཅིང་ཕིང་དང་སྲིད་བློན་མོ་དྷིའི་མཇལ་འཕྲད་གནང་ས་ཧའི་དྷ་རྦ་དྷི་ཁང་པའི་ (Hyderabad House) ཕྱི་རོལ་དུ་ཤོར་ནས་སྐད་འབོད་ངོ་རྒོལ་གནང་བ་དང། ཉིན་རྒྱབ་ཚོུད་ ༢ ཐོག་རྒྱ་ནག་གི་གནད་ཡོད་མི་སྣ་ ༦༠ ཙམ་ལྡི་ལིའི་ Jesus Mary College (JMC) མཐོ་སློབ་ཏུ་དམིགས་གསལ་མཛད་སྒོ་ཞིག་ལ་འབྱོར་བཞིན་པའི་སྐབས་དང་བསྟུན་ནས་གཞོན་ནུའི་ལས་འགུལ་བ་བེུད་ ༣ གྱིས་སློབ་གྲའི་ནང་ནས་བོད་རང་བཙན་གྱི་འཕྲེད་དར་དང་རྒྱལ་དར་འཕྱར་ནས་སྐད་འབོད་རྒྱབ་ཐུབ་པ་བྱང་བ་དང་དེའི་ཉིན་ལས་འགུལ་ཐེངས་གསུམ་སྤེལ་ཡོད་པ་རེད།

སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༩ ཞོགས་པ་ཚོུད་ ༩ ཐོག་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དང་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་གཙོ། ཆ་སྲིད་ཚོགས་པའི་ཆེས་མཐོའི་དབུ་ཁྲིད་སོ་ནི་ཡ་གྷན་དྷི་གསུམ་ཐ་ཇི་གསོལ་མགྲོན་ཁང་དུ་ཐུག་འཕྲད་གནང་བཞིན་ཡོད་པ་དང་བསྟུན་གཞོན་ལྷན་གྱི་ལས་འགུལ་བ་མི་ ༢༢ གིས་ཐ་ཇི་གསོལ་མགྲོན་ཁང་གི་ཕྱོགས་སུ་ཤོར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
ད་ཐེངས་ཀྱི་ཉིན་གསུམ་གྱི་རྒྱ་ནག་གི་སྲིད་འཛིན་གཟིགས་སྐོར་གནང་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བའི་ཁྲོད་ཁྱོན་ལས་འགུལ་བ་བེུད་ ༤༠ དང་བུ་༣༩ བཅས་ཁྱོན་བོད་དོན་ལས་འགུལ་བ་བོད་རིགས་ ༧༩ འཛིན་བཟུང་བྱས་ཡོད་པ་རེད།

གཞན་ཡང་སྤྱི་ལོ་སྤྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༡༦ གི་ཕྱི་དྲོའི་ཚོུད་ ༦ ཙམ་ལ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་རྒྱ་གར་ནང་ཐོག་མར་འབྱོར་ཡུལ་རྒྱ་གར་གྷུ་ཅུ་ར་ཊི་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌེ་Ahmedabadནང་གི་Maharaja Sayajiraoསློབ་ཆེན་གྱི་སློབ་མའི་སྡོད་ཁང་ལ་གློ་བུར་ཉེན་རྟོག་པ་མང་པོ་འབྱོར་ནས་སྦ་རོ་ཌའི་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མི་གཞན་སློབ་ཕྲུག་བཅས་ཁྱོན་སློབ་ཕྲུག་ ༨༢ ལས་འགུལ་སྤེལ་རྒྱུའི་དོག་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག འོན་ཀྱང་སྤྱི་ཚེས་༡༧ ཉིན་སྦ་རུ་ཌ་ས་གནས་གཞོན་ནུས་སྔོན་ནས་གྲ་སྒྲིག་ཡོད་པའི་སློབ་མ་ ༡༢ གིས་ཨེམ་དྷ་བྷ་ཏེ་ནང་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་འཛིན་བཟུང་བྱས་ཡོད་འདུག

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉིན་གསུམ་གྱི་ལས་འགུལ་མཇུག་སྡོམ་གྱི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་འདུག

ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིིར་འཛིན་བཟུང་བྱས་པའི་ལས་འགུལ་བ་མི་ ༧༩ ལས་མི་བཅུ་ལགས་ཙམ་ཞིག་ད་ལྟ་གློད་གྲོལ་ཐོབ་མེད་་ཀྱང་། ལྷོ་ཕྱོགས་ཨེམ་དྷ་བྷ་ཏེ་ནང་འཛིན་བཟུང་བྱས་པའི་ལས་འགུལ་བ་ཆ་ཚང་གློད་གྲོལ་ཐོབ་ཟིན་ཡོད་འདུག ད་ཐེངས་རྒྱ་གར་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ནང་ཁྱོན་བོད་དོན་ལས་འགུལ་བ་ ༡༦༡ འཛིན་ཟུང་བྱས་ཡོད་པ་རེད།