༣༡༠༡སྤྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་དབུ་ཁྲིད་འོག་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ལྷན་དང་བསམ་ཡས་གླིང་ས་གཞོན་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སསྤེལ་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་རིག་གཞུང་འགན་འཛིན་དང་ཕྱི་འབྲེལ་འགན་འཛིན་གཉིས་ཀྱི་དབུ་ཁྲིད་འོག་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ལྷན་དང་བསམ་ཡས་གླིང་ས་གནས་གཞོན་ལྷན་མཉམ་རུབ་ཀཐོག གཞོན་སྐྱེས་ ༢༠༠ ལྷག་རུ་ཁག་དྲུབ་ལ་ཆ་བགོས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་པ་དང་། ཉིན་དེར་གཞོན་སྐྱེས་རུ་ཁག་གཅིག་གིས་ལྡི་ལིའི་གྲོང་ཁྱེར་ས་འོག་མེ་འཁོར་ས་ཚུགས་ཁག་ལ་སྐྱོད་ནས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། ཉིན་དེར་ལས་འགུལ་ལ་མཉམ་བཞུགས་བྱ་མཁན་གཞོན་

༣༡༠༢

སྐྱེས་བོུ་ ༡༢༥ དང་བུ་ ༨༥ ཡོད་པ་རྣམས་ཆ་ཚང་ཉེན་རྟོགས་པས་འཛིན་བཟུང་བྱས་ཏེ་ལས་འགུལ་བ་ཁག་ཅིག་ལ་རྨས་སྐྱོན་བྱུང་ཡོད་ཀྱང་། ཀཀཀཕྱི་དྲོ་ཚོུད་ ༧ ཐོག་ལས་འགུལ་བ་ཚང་མ་གློད་གྲོལ་བཏང་ཡོད་པ་རེད།

གཞན་ཡང་སྤྱི་ཚེས་ ༡༡ ཉིན་གཞོན་སྐྱེས་ ༡༠༠ ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་སྒོལ་སྐད་འབོད་དང་ཞུ་འབོད་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ པ་རྗེས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།