དེ་ཡང་དེ་ཡང་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་ ༣ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་འདེམས་ཐོན་བསྐོ་བཞག་བྱུང་བའི་ཤེས་རིག་བཀའ་བློན་གསར་པ་པདྨ་དབྱངས་ཅན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་ནས་ལས་འཁུར་དམ་འབུལ་གནང་ཡོད་པ་དང་།དེ་ཉིན་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང།དེ་བཞིན་སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་དར་རྒྱས་ལགས་བཅས་ཤེས་རིག་བཀའ་བློན་གྱི་ལས་ཁུངས་སུ་ཆེད་བཅར་གྱིས་འཚམས་འདྲི་ཞུས་ཡོད་པ་མ་ཟད།མ་འོངས་བོད་དོན་འཐབ་རྩོད་དང་བོད་གསར་འཛུགས་སྐྲུན་ཆེད་མི་རབས་གསར་པའི་ཤེས་ཡོན་ཡར་རྒྱས་གོང་འཕེལ་ཡོང་ཆེད་དུ་ཁོང་གི་ལས་དོན་ཁག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད་པ་རེད།