སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་ཁེ་ན་ཊ་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་པའི་བོུ་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་ཁོང་དང་མཇལ་འཕྲད་ཞུས་ཡོད་པ་རེད།

བུ་ཁྲིད་ལགས་ནི་བོད་མི་ཞིག་གིས་ཕྱིའི་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་གནང་བ་དང་པོ་དེ་ཆགས་ཡོད་པས།། དབུས་རྒྱུན་གཉིས་ཀྱིས་བོད་པ་ཞིག་དང་ལྷག་པར་བོད་པའི་བོུ་ཞིག་གིས་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་གནང་ཐུབ་པ་དེ་ནི་བོད་ཕྱི་ནང་གི་བོད་མི་ཡོངས་ཀྱི་དགའ་སྤོབས་བྱ་འོས་པའི་བྱ་བ་ཞིག་ཡིན་པ་མ་ཟད། ལྷག་པར་བོད་པའི་བོུ་ཚོར་སེམས་ཤུགས་སྐྱེ་དགོས་པའི་མིག་དཔེ་བཟང་པོ་ཞིག་ཀྱང་ཆགས་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཀྱི་མཇལ་དར་བསྒྲོན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་བོད་དོན་ལ་འགན་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་ཅིག་ཀྱང་འབུལ་ལམ་ཞུས་པ་མ་ཟད། སླད་མ་འོངས་པར་ཡང་རྒྱབ་སྐྱོར་རྒྱུན་འཁྱོངས་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པར། བུ་ཁྲིད་ལགས་ཀྱིས་མ་འོངས་པར་བོད་དོན་ཆེད་རྒྱབ་སྐྱོར་གནང་ཐུབ་པ་གང་ཡོད་ཀྱང་གནང་རྒྱུ་ཡིན་པ་དང་། དབུས་རྒྱུན་གཉིས་ལ་འཚམས་འདྲི་དང་ལས་དོན་ལེགས་པོ་ཡོང་བའི་སྨོན་འདུན་ཡང་གནང་ཡོད་པ་རེད།