བོད་གངས་ཅན་པ་རྣམས་ཀྱི་ལྷ་སྐལ་འཛམས་གླིང་ཞི་བདེའི་དེད་དཔོོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་ ༡༩༣༥ ཟླ་བ་ ༧ ཚེས་ ༦ ཉིན་མདོ་སྨད་སྟག་འཚེར་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་དུས་ཆེན་ཁྱད་པར་ཅན་གྱི་དགྱེས་སྟོན་ཉིན་མོ་འདིར་བོད་མི་ཡོངས་ཀྱིས་མགོན་པོ་གང་ཉིད་ཀྱི་ཐུགས་བརྩེའི་བཀའ་དྲིན་རྗེས་དྲན་སླད་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ཉིན་འདིར་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་གཏན་འབེབས་ཀྱི་ལས་འགུལ་དུ་ཐག་གཅོད་གནང་ཡོད།